2023年4月20日 星期四

速返祈願文-HHDL撰

 《速返祈請文》


༄༅། །ཟླ་མེད་སྟོན་པ་རྒྱལ་སྲས་ཉན་རང་ཚོགས། །བློ་བཟང་རྒྱལ་བ་ཡབ་སྲས་བརྒྱུད་པར་བཅས།།

無比導師佛子聲獨眾,善慧勝者父子傳承等,

རབ་འབྱམས་ཞིང་གི་སྐྱབས་ཡུལ་མ་ལུས་པས། །དེང་འདིར་སྨོན་པ་འགྲུབ་པའི་དགེ་ལེགས་སྩོལ།།

無邊佛剎皈境無遺餘,現賜成就宏願之妙善。


ཡོངས་སུ་རྫོགས་པའི་ཐུབ་བསྟན་རིན་པོ་ཆེ། །བཤད་དང་སྒྲུབ་པས་འཛིན་ཅིང་སྤེལ་བ་ལ།།

周遍圓滿能仁聖教寶,藉由講修執持令增長,

ནམ་ཡང་མི་ཞུམ་བཟོད་པའི་གོ་ཆ་ཅན། །མཚུངས་མེད་རྗེ་བཙུན་བླ་མར་གསོལ་བ་འདེབས།།

披著永不退怯忍鎧甲,無等至尊上師我祈請。


ཕན་བདེ་མ་ལུས་འབྱུང་བའི་སྒོ་གཅིག་པུ། །རྒྱལ་བའི་བསྟན་དང་མ་གྱུར་འགྲོ་བ་ཡི།།

出生無餘利樂唯一門,卻於專志勤承勝者教,

དོན་ལ་གཅིག་ཏུ་བརྩོན་པ་མཛད་པའི་མུར། །གློ་བུར་ཞི་བར་གཤེགས་འདིར་ཡིད་རེ་ཕངས།།

及事如母有情義利時,驟趣寂滅嗟夫何其悲!


འོན་ཏང་མཆོག་གསུམ་རྒྱ་མཚོའི་བྱིན་རླབས་དང་། །རྒྱལ་སྲས་རྣམས་ཀྱི་ཐུགས་བསྐྱེད་རླབས་པོ་ཆེ།།

然由三寶大海加持與,諸佛菩薩雄猛發心力,

བསླུ་མེད་བདེན་པས་ཡང་སྤྲུལ་གསར་པའི་འཛུམ། །སྐལ་བཟང་གདུལ་བྱའི་དཔལ་དུ་མྱུར་བཞད་ཤོག།

無欺實故願為諸善緣,所化速展轉世新歡顏

 

ཅེས་པ་འདི་ནི་བསྟན་པའི་གསལ་བྱེད་མཚུངས་མེད་བཟོད་པ་རིན་པོ་ཆེ་གློ་བུར་ཞི་བར་གཤེགས་འདུག་པར་མྱུར་བྱོན་སྨོན་ཚིག་ཅིག་དགོས་ཞེས། (Roger Kunsang) གིས་གཙོས་ (FPMT) ཐེག་ ཆེན་འཛིན་སྐྱོང་སྤེལ་བའི་ཆོས་ཚོགས་ཐུན་མོང་དང་། ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་། བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་། དེ་བཞིན་ཞིང་གཤེགས་རིན་པོ་ཆེའི་སློབ་མ་ཡོངས་ནས་བསྐུལ་བའི་རྐྱེན་དང་། རིན་པོ་ཆེ་འཚོ་བཞུགས་རིང་ཉིད་ཀྱི་ལས་དོན་ཆེ་ཕྲ་རྣམས་ངོས་ལ་འདྲི་བཞིན་བྱས་པ་སོགས་འབྲེལ་བ་ཐུན་མིན་ལ་སོང་མྱུར་བྱོན་སྨོན་ཚིག་འདི་སྦྱར་ཞིང་། བཟོད་པ་རིན་པོ་ཆེ་འདི་ལྟར་གཤེགས་པར་ཕངས་ཀྱང་གཙོ་བོར་ཁོང་སྐུ་འཚོ་བཞུགས་སྐབས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉམས་ལེན་གྱི་མཐིལ་དུ་མཛད་པས་རྗེས་འཇུག་བཤུལ་ལུས་རྣམས་ནས་ཀྱང་བླ་མའི་རྣམ་ཐར་དེ་ཉིད་ལ་ཚུལ་བཞིན་དུ་སློབ་ན་རིན་པོ་ཆེའི་དགོངས་པ་དེ་གས་རྫོགས་པར་ངེས་པས་དེ་དོན་ཡིད་འཇོག་ཡོང་བ་དང་། འདི་ནས་ཀྱང་མཆོག་གསུམ་ལ་གསོལ་འདེབས་དང་བསྔོ་སྨོན་ནན་འདྲོངས་བྱེད། ཤཱཀྱའི་དགེ་སློང་ཆོས་སྨྲ་བ། ཏཱ་ལའི་བླ་མས། བོད་རབ་བྱུང་བཅུ་བདུན་པའི་ཆུ་ཡོས་ཟླ་༢ ཚེས་༢༥ ཕྱི་ལོ་ ༢༠༢༣ ཟླ་༤ ཚེས་༡༥ ཉིན་སྦྱར་བ་དགེ།

此文緣於無與倫比之闡釋聖教者  梭巴仁波切驟趣寂滅而需一篇祈請速返願文故,普賢法師Roger Kunsang率同護持大乘法脈聯合會旗下所有中心、柯槃寺密嚴菩提法林、空行喜旋尼寺及仁波切全體弟子懇切祈請,另亦緣於仁波切生前請示於余之大小諸事無不如言承辦等之與余不共勝緣,故特撰此《速返祈請文》。

梭巴仁波切如是驟離於乎哀哉!然至要者,乃彼畢生以菩提心寶為修持之核心也。諸遺徒後學若能如法效習上師之遺風懿行,必能由此圓滿仁波切之聖願。故應銘刻此義於心,今後亦向三寶勤作祈請、殷重迴向。

釋迦比丘說法者達賴喇嘛於藏曆勝生第十七水兔年二月廿五日,即西曆2023415日撰,於417校正


譯註:釋德欽於2023416日譯於FPMT台北經續法林。

(編者註:若需此祈請文之PDF檔,請於此處下載)

沒有留言:

張貼留言